自由联盟 -
自由联盟
-
ཉིན་འདི་དག་གི་རིང་ལ་ང་ཚོ་ལྷ་ས་བ་ཞིག་དང་མཉམ་དུ་ཡུལ་འགའ་ལ་ལྗོངས་རྒྱུར་སོང་མོད། འོན་ཀྱང་ཁོས་བཤད་པ་ང་ཚོས་མི་གོ ང་ཚོས་བཤད་པ་ཁོ་ཡིས་མ་རྟོགས་པར་ཉི་མ་སྟོང་ཟད་ལ་བཏང་སོང་། གནས་ཚུལ་འདི་ལས་ང་ཚོ་བོད་སྤྱི་ལ་སུས་བཤད་ཀྱང་ཀུན་གྱིས་གོ་ཐུབ་པའི་སྐད་ཆ་ཞིག་ངེས་པར་དུ་ཡོད་དགོས་བསམ་བྱུང་། ཡིན་ཡང་དོན་བྱ་འདི་ལེགས་འགྲུབ་བྱུང་དགོས་ན་གཤམ་གྱི་ཕྱོགས་འདི་དག་ལ་དོ་སྣང་བྱེད་དགོས་པར་སེམས།(འདི་ནི་ཆུ་གཏེར་རང་གི་བསམ་ཚུལ་ཙམ་ཡིན་པས་ཚང་མས་བསམ་ཚུལ་ཡང་གནས་འདིར་འགོད་རོགས་ཞུས་པ་ཡིན)
༡ སྔོན་གྱི་ཐ་སྙད་མ་ཉམས་གོང་སྤེལ་བྱེད་དགོས།
༢ གསར་བྱུང་ཐ་སྙད་གཅིག་གྱུར་གཏན་འབེབས་བྱེད་དགོས།
༣ ཚིག་གི་སྦྱོར་བ་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པ་བྱེད་དགོས།
༤ ཡུལ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་ཉེར་གཏོང་དགོས།
༥ བརྡ་འཕྲིན་རང་བཞིན་གྱི་བོད་ཡིག་བཀོལ་སྤྱོད་ལ་དོ་སྣང་བྱེད་དགོས།
༦ མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཚོས་སྐད་ཆའི་གནས་བབས་ལ་བསམ་བློ་བརྗེ་རེས་དང་གྲོས་བསྡུར་བྱ་དགོས།
༧ བསླབ་གཞི་རྩོམ་སྒྲིག་གི་བྱ་བར་མཐོང་ཆེན་དང་རྒྱབ་བསྐྱོར་བྱེད་དགོས།
༨ བོད་ཡོངས་ཀྱི་སྐད་གཅིག་མཐུན་བྱུང་བར་བྱེད་ཐབས་དང་དམིགས་ཡུལ་ཡོད་དགོས་པ་བཅས་སོ།།
-
ཁྱོད་ལ་རྒྱབ་སྐྱོར་བྱེད།
你还不是该群组正式成员,不能参与讨论。
现在就加入。

