登录站点

用户名

密码

注册

查看日志|返回日志列表

17༼བརྩེ་དུང་འདི་སུས་ཡིན༽

2010-07-09 15:16

 

༼བརྩེ་དུང་འདི་སུས་ཡིན༽

      

 

          བརྩེ་དུང་འདི་ཅི་ཡིན

   

         འདིའི་དོན་དུ་བཙུན་པ་མང་བོ་གྲྭ་ལོག་བྱས

 

    སློབ་མ་མང་བོ་སློབ་བྱོལ་བྱས

 

    དགུན་ཟླ་དབྱར་ཟླ་ལ་སླེབས་ཀྱང

 

    ས་གཞི་ལྗང་ཁུ་རུ་གྱུར་ཀྱང

 

    བརྩེ་དུང་འདི་ད་དུང་འདོད་ཆགས་ཀྱི་ཁོང་གསེང་ན་་་་་་་

 

    གྲང་འདར་རྒྱག་གིན་འདུག

 

  

 

                བརྩེ་དུང་འདི་སུས་ཡིན

 

      བརྩེ་དུང་འདི་ཅི་ཡིན

 

      འདིའི་དོན་དུ་ཕྱིར་དྲན་ལ་ཁ་གྲངས་མེད

 

     རྨ་ཁ་ལ་ན་ཟུག་མེད

 

     རེ་སྒུག་གི་མིག་ཟུང་རྒྱང་ལ་འཁོར་ནས

 

     དྲན་གདུང་གི་རྦ་སྐྱོ་གར་སེམས་ནས་འཁྲབ་ཀྱང

 

    བརྩེ་དུང་འདི་ད་དུང་མི་རྟག་པའི་འཇིག་རྟེན་ན་་་་་་་

 

      གྲོང་ངེར་འགྱིང་འདུག

 

  

 

                  བརྩེ་དུང་འདི་སུས་ཡིན

 

     བརྩེ་དུང་འདི་ཅི་ཡིན

 

       འདིའི་དོན་དུ་གསར་བུ་ཚོས་བླ་སྲོག་ཤོར་བའི་ལོ་རྒྱུས་ཡོད་ལ

 

        གསར་མོ་ཚོས་རང་སྲོག་བཅད་པའི་བཤད་སྲོལའང་མང་བོ་ཡོད

 

       ལང་ཚོ་དང་འཛུམ་མདངས་ཉམས་ནས

 

        གཟི་བརྗིད་དང་སྙན་གྲགས་ཡལ་ཡང

 

 

       བརྩེ་དུང་འདིའི་དོན་དུ་ཅི་ཡང་བསྐྱུར་མཁན་མང་ལ་བསྒྲུབ་མཁན་ཡང་མང

 

 

 

2009ལོར་ཟླ9བའི་ཚེས་6ཉིན

分享 46 次阅读 | 0 个评论

留下脚印

评论